ཆོས་ཀྱི་སྙིང་པོ་སེམས་ཞི་བདེ་དགོས་པ།
2022.08.24

ད་རིང་གི་གཏམ་གླེང་ལེ་ཚན་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ལ་ཆིབས་བསྒྱུར་གྱིས་ད་རེས་ཚེས་༡༢ཉིན་ལ་དྭགས་ཟངས་དཀར་གྱི་དད་ལྡན་ཆོས་ཞུ་བར་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། ཚེས་༡༣ཉིན་ཟངས་དཀར་གྱི་གཞོན་སྐྱེས་སློབ་མ་ཚོར་བཀའ་སློབ་གནང་ཡོད་པས། ཆོས་ཀྱི་སྙིང་པོ་སེམས་ཞི་བདེ་དགོས་པ་དང་། མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་བྱམས་བརྩེ་གོང་སྤེལ་དགོས་པ་སོགས་བཀའ་སློབ་གནང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ཁག་འདི་གའི་གསར་འགོད་པ་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་ལ་གསན་རོགས་ཞུ།།
གསར་འགོད་པ། སྒྲོལ་དཀར།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག