ཡ་རབས་སྤྱོད་བཟང་དགོས་པའི་བཀའ་སློབ།
2014.03.14

བྱང་ཨ་རིའི་སྐུ་ཚབ་དོན་གཅོད།
༄༅། །ཐེངས་འདིའི་གཏམ་གླེང་ལེ་ཚན་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་ཚོར་ཡ་རབས་སྤྱོད་བཟང་དགོས་པ་དང་། བོད་མི་རིགས་འདི་བཞིན་རིག་གཞུང་གིས་ཕྱུག་པའི་མི་རིགས་ཤིག་ཡིན་དུས་སེམས་མི་ཞུམ་པར་སྤོབས་པ་ལྡན་པའི་ངང་སྤྱི་ཚོགས་ཐོག་དྲང་པོ་དང་གཞན་ཕན་གྲུབ་རྒྱུར་བརྩོན་དགོས་པའི་བླང་དོར་བཀའ་སློབ་གནང་ཡོད་པ་རེད། ཟླ་བ་འདིའི་ཚེས་༧ཉིན་བོད་མི་སྟོང་ཕྲག་ཙམ་ལ་གནང་བའི་བཀའ་སློབ་ཞིབ་ཕྲ་ངོ་སྤྲོད་ཞུས་པའི་ཐོག་ནས་མཇལ་ཁར་བཅར་མཁན་བོད་མི་ཁག་ཅིག་ལྷན་རིག་གཞུང་སྲུང་སྐྱོབ་སྐོར་གླེང་བ་ཞིག་གསན་རོགས་གནང་། །