ཕྱི་ལོ་གསར་པར་འཚམས་འདྲི།
2014.01.01

༸སྐུ་སྒེར་དྲ་གནས།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ཆོས་འབྲེལ་སྐབས། ཕྱི་ལོ་གསར་པར་འཚམས་འདྲི་གནང་སོང་བ་དང་འབྲེལ། འབྱུང་འགྱུར་གྱི་ལོ་དེ་བདེ་སྐྱིད་དང་ལྡན་པ་ཞིག་བྱུང་ངམ། ཡང་ན་སྡུག་བསྔལ་དང་ལྡན་པ་ཞིག་བྱུང་མིན་ཟེར་བ་དེ་གང་ཟག་སོ་སོར་རག་ལས་པ་ཞིག་ཡིན་སྐོར་བཀའ་གནང་འདུག དེའི་སྐོར་ཉི་མ་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་གནང་བར་གསན་རོགས་གནང་།།