ཤེས་ཡོན་ནང་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་གཉིས་སློབ་ཐུབ་པའི་འབད་བརྩོན་གནང་དགོས་པའི་བཀའ་སློབ་བསྩལ་བ།

ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ཕུར་བུ་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་རི་ཡཱ་ཎཱའི་རོཧ་ཏཱག་ས་གནས་སུ་རྟེན་གཞི་བྱེད་པའི་རྒྱ་གར་འཛིན་སྐྱོང་སློབ་གཉེར་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་སློབ་སྩོལ་སྐབས།
རྒྱ་གར་ནང་ལ་ལོ་ངོ་སྟོང་ཕྲག་གོང་ནས་ཡོད་པའི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་ནི་ཧ་ཅང་ནུས་པ་ཆེན་པོ་རེད། ཁྱོད་ཚོས་དེ་ལྟ་བུའི་རིག་གཞུང་དང་གོམས་སྲོལ་བཟང་པོ་ཞིག་དངོས་སུ་སོ་སོའི་མི་ཚེའི་ནང་ཉམས་ལེན་བྱེད་བཞིན་པ་རེད། ཤེས་ཡོན་ནང་དུ་རྒྱ་གར་ལ་ལོ་ངོ་སྟོང་ཕྲག་རིང་ཡོད་པའི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་གཉིས་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་སློབ་ཐུབ་པའི་འབད་བརྩོན་གནང་དགོས་ཀྱི་རེད་བསམ་གྱི་འདུག ཅེས་བཀའ་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་སངས་རྒྱས་དཀོན་མཆོག་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག