ནུབ་ཕྱོགས་ཆོས་ཞུ་བར་འཚམས་འདྲི་གནང་བ།
2015.12.27

༄༅༎དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བཀྲ་ཤིས་ལྷུན་པོ་ཆོས་སྒར་ལ་བྱང་ཆུབ་ལམ་རིམ་གྱི་གསུང་ཆོས་ཞུ་བར་བཅར་མཁན་ནུབ་ཕྱོགས་ཀྱི་ཆོས་ཞུ་བར་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་། དེ་བཞིན་གསུང་ཆོས་སྐབས་གནང་བའི་བླང་དོར་བཀའ་སློབ་ཁག་ཅིག་ཟུར་བཏོན་གྱིས་གསུང་ཆོས་དང་འབྲེལ་ཡོད་གནས་ཚུལ་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།