ལ་དྭགས་སུ་དུས་དབང་ངོ་སྤྲོད།
2014.04.22

རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན།
༄༅༎ ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁུལ་དུ་དུས་འཁོར་བཀའ་དབང་སྩལ་རྒྱུའི་སྔོན་དུ་ལ་དྭགས་ནང་པའི་ཚོགས་ཆེན་དང༌།ལ་དྭགས་གླེ་བོད་ཀྱི་གཞོན་ནུ་ལྷན་ཚོགས།དཔལ་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་གྲྭ་ཚང་བཅས་གསམ་གྱི་གོ་སྒྲིག་འོག་སྔོན་འགྲོའི་ནང་ཆོས་ངོ་སྤྲོད་གོ་སྒྲིག་གནང་གི་ཡོད་པའི་སྐོར་གཡུ་སྒྲོན་ལགས་ཀྱིས་ནང་ཆོས་ངོ་སྤྲོད་གོ་སྒྲིག་རྐང་འགན་བཞེས་མཁན་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་པའི་དྲུང་ཡིག་བསྟན་འཛིན་སྟོབས་འབྱོར་ལགས་སུ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང།།