༸གོང་ས་མཆོག་ཨཡིར་ལེནཌ་རུ་ཆིབས་བསྒྱུར།

མེ་འཕེན་དབར་གྱི་བྱིས་པ་ཞེས་པའི་ཐེབས་རྩས་འགན་འཁུར་ཞུས་པའི་ཐོག་ནས་གོ་སྒྲིག་ཞུས་པ།

2011.04.12
མེ་འཕེན་དབར་གྱི་བྱིས་པ་ཞེས་པའི་ཐེབས་རྩས་འགན་འཁུར་ཞུས་པའི་ཐོག་ནས་གོ་སྒྲིག་ཞུས་པ།
བཙན་བྱོལ་བོད་གཞུང་གི་དྲ་གནས།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་ ཡོ་རོབ་ཡུལ་གྲུ་ ཨཡེར་ལེནཌ་རུ་ཆིབས་བསྒྱུར་༸ཞབས་སོར་འཁོད་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨཡེར་ལེནཌ་གྱི་རྒྱལ་ས་ཌབ་ལིན་དུ་ཚུགས་རྒྱུའི་ ༢༠༡༡་ལོའི་ནང་གི་གོ་སྐབས་ཞེས་པའི་སྤྱི་ཚོགས་གླེང་སྟེགས་ཀྱི་ཚོགས་མགོན་དུ་དབུ་ཞུགས་ཀྱིས་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་ཐོག་འབོད་སྐུལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་རེད།
 ཐེངས་འདིའི་ཨཡེར་ལེནཌ་གྱི་ཆིབས་བསྒྱུར་མཛད་འཆར་དེ་དག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འབྲེལ་ཆེན་པོ་ཡོད་པ་རི་ཆརཌ་མུར་གྱིས་བཙུགས་གནང་པའི་མེ་འཕེན་དབར་གྱི་བྱིས་པ་ཞེས་པའི་ཐེབས་རྩ་དེས་གཙོ་བོ་འགན་འཁུར་ཞུས་པའི་ཐོག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎