༧གོང་ས་༧ཏཱ་ལའི་བླ་མའི་བརྙན་འཕྲིན།
2020.02.15

ཨ་མི་རི་ཀའི་ཁེ་ལི་ཕོར་ནི་ཡ་ Orange County ནང་ Dalai Lama TV ཞེས་པ་ཝིཡེཏ་ནམ་སྐད་ཡིག་ཐོག་བརྙན་འཕྲིན་ལེ་ཚན་གསར་པ་ཐོག་མར་ ༢༠༢༠ ཕྱི་ཟླ་ ༢ ཚེས་ ༡༤ ཉིན་དབུ་འབྱེད་གནང་ཞིང་། མཛད་སྒོའི་ཐོག་མི་གྲངས་ ༥༠༠ ཙམ་འདུ་འཛོམས་སར་ཁེ་ལི་ཕོར་ནི་ཡ་ས་གནས་ Westminster གྲོང་ཁྱེར་སྤྱི་ཁྱབ་པ་ Mayor Tri Ta མཆོག་གིས་བརྙན་འཕྲིན་ལས་རིམ་འདི་གལ་གནད་ཆེན་པོ་དང་རྩ་ཆེན་པོ་ཡིན་པ་གསུངས་བ་དང་སྦྲགས། ལེགས་སོའི་ཕྱག་འཁྱེར་ཡང་ཕུལ་གནང་ཡོད་འདུག གནས་ཚུལ་རྒྱས་པ་བཀྲིས་དབང་ཕྱུགས་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།