ལྷོ་ཊི་རོལ་གྲངས་ཉུང་མི་རིགས་ཀྱི་གཟེངས་རྟཌ།
2013.04.09
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༡༠ ཉིན་ཡོ་རོབ་ནང་གི་རང་སྐྱོང་ས་ཁུལ་ལྷོ་ཊི་རོལ་དུ་ཞབས་སོར་འཁོད་སྐབས་ལྷོ་ཊི་རོལ་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་ལ་༼ལྷོ་ཊི་རོལ་གྲངས་ཉུང་མི་རིགས་ཀྱི་གཟེངས་རྟགས་༽(South Tyrol Minority Award.)ཞེས་པ་དེ་འབུལ་གཏན་ཁེལ་ཡོད་པ་རེད།
དེ་རིང་ཕྱི་ཚེས་ ༩ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ཨི་ཊ་ལིའི་རང་སྐྱོང་ས་ཁུལ་ལྷོ་ཊི་རོལ་ནང་ཆིབས་སྒྱུར་གནང་སྐབས་མངའ་ཁུལ་སྲིད་འཛིན་སྐུ་ཞབས་ Luis Durnwalder མཆོག་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་མ་ཟད། འདི་ཚེས་ ༡༠ ཉིན་ལྷོ་ཊི་རོལ་གྱི་སྲིད་འཛིན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཊི་རོལ་གྲངས་ཉུང་མི་རིགས་ཀྱི་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ་ཡིན་པ་དང༌། ཉིན་དེའི་ཕྱེད་ཡོལ་ཙམ་དུ་༸གོང་ས་མཆོག་གིས་ Bolzano རང་སྐྱོང་མངའ་ཁུལ་གྱི་ཚོགས་ཁང་ཞིག་ཏུ་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང། དེ་ནས་ཕྱི་ཚེས་ ༡༡ ཉིན་ Trento རང་སྐྱོང་མངའ་ཁུལ་དུ་ཆིབས་ཞལ་བསྒྱུར་ཏེ་ས་གནས་གྲོས་ཚོགས་ཀྱི་ཚོགས་ཁང་དུ་བཀའ་སློབ་སྩལ་རྒྱུ་དང༌། དེ་རྗེས་མང་ཚོགས་ལ་དཀའ་ངལ་གྱི་དུས་སྐབས་སུ་བདེ་སྐྱིད་འཚོལ་ཐབས་ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་འདུག།