ཏཱ་ལའི་བླ་མའི་ལམ་གཞུང་ཞེས་མིང་འགྱུར་དགོས་པའི་ལས་འགུལ།
2020.07.21
༄༅། །ཐེངས་འདིའི་རང་དབང་གི་གླེང་སྟེགས་ལེ་ཚན་ནང་། རྒྱ་གར་གྱི་གཞུང་འབྲེལ་ཆེས་མཐོའི་མི་སྣ་ཞིག་གིས་རྒྱལ་ས་ལྡི་ལིར་ཡོད་པའི་པན་ཅ་ཤཱིལ་མརྒ་Panchsheel Marg ཞེས་པའི་ལམ་གཞུང་དེ་ཏཱ་ལའི་བླ་མའི་ལམ་གཞུང་ཞེས་མིང་འགྱུར་དགོས་པའི་དྲ་ཐོག་ནས་ལས་འགུལ་སྤེལ་བཞིན་པ་དང་། ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཏྣ་Bharat Ratna་འབུལ་ལམ་ཞུ་དགོས་པའི་འབོད་སྐུལ་གནང་མཁན་ཇེ་མང་དུ་འགྲོ་བཞིན་པའི་སྐོར་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གཤམ་ལ་གསན་རོགས་གནང་།