ཚ་བ་སྐྱིད་སྡུག་གི་བརྟན་བཞུགས།


2014.03.16
བཞུགས་སྒར་དུ་ཆོ་འཕྲུལ་སྨོན་ཆེན་མོའི་དུས་ཆེད་ཐོག་ཚ་བ་སྐྱིད་སྡུག་ནས་༸གོང་ས་མཆོག་ལ་བརྟན་བཞུགས་སྟར་འབུལ་ཞུས་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།

༄༅།  །དེ་རིང་གི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་ནང་། ཕྱི་ཟླ་༣ཚེས་༡༦རེས་གཟའ་ཉི་མའི་ཉིན་བཞུགས་སྒར་དྷ་རམ་ས་ལར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་དང་། བཞུགས་སྒར་དྷ་རམ་ས་ལའི་ཚ་བ་སྐྱིད་སྡུག་ནས་གཞིས་བྱེས་ཚ་བ་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་བཞག  ཚབ་སྐྱིད་སྡུག་གི་རྒྱུན་ལས་སེར་བྱེས་ཚ་བ་དགེ་བཤེས་ལྷ་རམས་པ་བློ་བཟང་བསྟན་པ་ལགས་ཀྱིས་གསུང་དོན་ལ་བསྐལ་བཟང་གི་གོ་སྐབས་འདིའི་སྐབས་ཚ་བའི་ཁོངས་གཏོགས་སེར་སྐྱ་ཕོ་མོ་རྒན་གཞོན་ཚང་མས་གྲངས་གསོག་གནང་བའི་ཡིག་དྲུག་མ་ཎིའི་གྲངས་འབོར་སྙན་སེང་ཞུས་ཡོད་པ་དང་། དེ་རིང་བརྟན་བཞུགས་དངོས་གཞིའི་ཉིན་ཚ་བའི་ཁོངས་གཏོགས་བོད་མི་སེར་སྐྱ་རྒན་གཞོན་གང་མང་ནས་མཉམ་བཞུགས་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎