ལྷོ་ཀོ་རི་ཡའི་གྲུ་དམག་གྲུར་གཏོར་སྐྱོན།
2010.06.03
༄༅༎དེ་རིང་གི་འཛམ་གླིང་སྐར་ཁུང་གི་ལེ་ཚན་ནང་།ཉེ་ཆར་ལྷོ་ཀོ་རི་ཡའི་མཚོ་དམག་གྲུ་གཟིངས་ཞིག་གི་ཐོག་བྱང་ཀོ་རི་ཡས་གཏོར་སྐྱོན་བཏང་བའི་དོན་རྐྱེན་དེའི་རྐྱེན་པས།ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ་ཉེན་ཚབས་ཅན་ཞིག་ཏུ་གྱུར་ཡོད་པའི་གནད་དོན་དང་འབྲེལ་བའི་སྐོར་ལྷོ་ཀོ་རི་ཡའི་རྒྱལ་ས་སིའོལ་ནང་རྟེན་གཞི་བྱས་པའི་དོང་ཌུཀ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་དཔོན་གྱི་མཛད་འགན་བཞེས་བཞིན་པ་དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས་སུ་ངག་དབང་ཆོས་འཕེལ་ལགས་ནས་གནས་འདྲི་ཞུས་པར་གསན་རོགས༎