རྒྱ་ནག་དང་ཉི་ཧོང་གི་འབྲེལ་ལམ།
2013.07.31
༄༅༎ཐེངས་འདིའི་རྒྱལ་སྤྱིའི་གནས་བབ་ཅེས་པའི་ལེ་ཚན་གྱི་ནང་དུ་ཉི་ཧོང་གི་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པ་དང་གནའ་འབྲེལ་ཚོགས་པར་ད་ཆ་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་མང་མོས་རྒྱལ་ཁ་ཐོབ་པ་དེས་རྒྱལ་ཁབ་ནང་ཆབ་སྲིད་གཏན་ལྷིང་དང་དཔལ་འབྱོར་བསྐྱར་གསོ་ཐུབ་མིན།དེ་སྔའི་དམག་འཐབ་སྤངས་པའི་རྩ་ཁྲིམས་ལ་འགྱུར་བཅོས་ཡོང་མིན་དང༌།ཉི་ཧོང་དང་རྒྱ་ནག་གི་འབྲེལ་ལམ་དང་འབྲེལ་ཆགས་བོད་དོན་སྐོར་ཨ་རིའི་བྱང་ཤར་མངའ་སྡེ་མེ་སེ་ཅུ་སེཙ་ཡི་གྲོང་ཁྱེར་ཁེམ་བརིཇ་ནང་རྟེན་གཞི་བྱས་པའི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ཉམས་ཞིབ་པ་དང་སྤྱི་ཟུར་བློ་བཟང་ཤཱསྟྲི་ལགས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་གླེང་མོལ་གནང་བར་གསན་རོགས༎