འཇར་མེན་བོད་དོན་རྒྱབ་སྐྱོར་ཚོཌ་པའི་ལྷན་ཚོཌ།
2013.05.06

༄༅༎འཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་༢༤
དེ་བཞིན་ཟླ་བ་འདིའི་ཚེས་༤ཉིན་སྐོང་ཚོགས་གནང་འདུག། ཚོགས་པ་དེ་ནི་ཡོ་རོབ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཞིག་ཡིན་པ་དང༌། ད་ལྟའི་བར་
ཚོགས་ཞུགས་འཐུས་མི་༡༧༠༠དང་རྒྱབ་སྐྱོར་ཚོགས་མི་གྲངས་༧༡༠༠ལྷག་འདུག
ས་གནས་ཡན་ལག་ཚོགས་པ་༣༢དང༌། ས་གནས་འབྲེལ་མཐུད་ཚོགས་ཆུང་༢༨། སློབ་སྟོན་ཚོགས་མི་གྲངས་༦། རྒྱུན་ཞུགས་ལས་བྱེད་༧ཡོད་པ་རྣམས་ནས་བདུན་ཕྲག་རེའི་ནང་ཁྱོན་བསྡོམས་ཆུ་ཚོད་༡༥༥ཕྱག་ལས་གནང་གི་ཡོད་པ་རེད།
ཐེངས་འདིའི་ཚོགས་འདུའི་ཐོག་འཇར་མ་ནིའི་ས་གནས་མི་འདྲ་བ་༦༠ལྷག་ནས་སྐུ་ཚབ་ཚོགས་མི་༨༠ལྷག་མཉམ་འཛོམས་གནང་བའི་ཐོག་ཇར་མན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བྱམས་པ་ཀུན་དགའ་ཤར་ལགས་དང༌། སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་མིག་དམར་ལགས་སོགས་ཕེབས་ཡོད་པ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎