བལ་ཡུལ་གཞུང་ཚབ་ལ་ཞུ་ཡིག་ཕུལ།
2013.03.27

༄༅༎ཕྱི་ཟླ་༣ཚེས་༢༥རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ས་གནས་བོད་རང་བཙན་ཆེད་ཀྱི་སློབ་ཕྲུག་ཚོགས་པ།དྷ་ས་ས་གནས་གཞོན་ནུ།ལྡི་ལི་བསམ་ཡས་གླིང་ས་གནས་གཞོན་ནུ།རོ་ཧི་ཎི་ས་གནས་གཞོན་ནུ།བསམ་ཡས་གླིང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ནས་བལ་ཡུལ་གཞུང་ཚབ་ཁང་དུ་ངོ་བཅར་གྱིས་བལ་ཡུལ་ནང་བོད་དོན་ཆེད་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་པ་སྐུ་ཞབས་གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་བོད་མིར་རྩིས་སྤྲོད་དགོས་པའི་ཞུ་ཡིག་ཕུལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎