ལོངས་ཤོག་ཅེས་པའི་གློག་བརྙན།
2013.09.02
༄༅༎ཕྱི་ཟླ་༨ཚེས་༣༡རེས་གཟའ་སྤེན་པའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་ནང་བོད་རིགས་ན་གཞོན་གློག་བརྙན་འཁྲབ་སྒྲིག་པ་པདྨ་དོན་གྲུབ་ལགས་ནས་བོད་མི་རིགས་ཀྱི་འཐབ་རྩོད་དང་འབྲེལ་བའི་གློག་བརྙན་ཞིག་བཟོ་སྐྲུན་གནང་བ་དེ་གཟིགས་འབུལ་ཞུས་ཡོད་པ་དང་།བོད་དོན་འཐབ་རྩོད་པ་ཁག་ཅིག་ནས་༼དེའི་རྗེས་ག་རེ།༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎