མིག་གི་སྐྱ་འགྲིབ་གཤག་བཅོས།
2012.11.25
ཐུབ་བསྟན་སངས་རྒྱས།
༄༅༎ཕྱི་ཟླ་༡༡ཚེས་༢༣དང་༢༤ཉིན་གཉིས་རིང་བལ་ཡུལ་ནང་གི་འཇམ་མགོན་ཀོ་སྤྲུལ་རིན་པོ་ཆེ་མཆོག་གི་བླ་བྲང་དང་བལ་ཡུལ་གྱི་ཏིལ་གངྒ་མིག་གི་སྨན་ཁང་གཉིས་ནས་རིན་མེད་ཐོག་མིག་གི་སྐྱ་འགྲིབ་གཤག་བཅོས་ཀྱི་ཞབས་ཞུ་ཐེངས་ཉི་ཤུ་པ་དེ་གནང་ཡོད་པ་དང༌།བལ་ཡུལ་ཡུལ་མི་གསུམ་བརྒྱ་ཙམ་ལ་གཤག་བཅོས་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎