འབྲས་ལྗོངས་ཁུལ་གྱི་མཛད་འཆར།
2013.03.19

༄༅༎རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་འབྲས་ལྗོངས་གཞུང་ནས་དུས་ཡུན་རིང་པོ་ནས་ཇི་ལྟ་གསོལ་འདེབས་ཞུས་པ་ལྟར་ཕྱི་ཟླ་༣ཚེས་༢༤ནས་༢༧བར་ཉིན་གྲངས་བཞིའི་རིང་འབྲས་ལྗོངས་སུ་ཆིབས་བསྒྱུར་གྱིས་མངའ་སྡེའི་ནང་སྟོན་པའི་སྐུ་བརྙན་ཞིག་ལ་རབ་གནས་དབུ་འབྱེད་མཛད་རྒྱུ་དང༌།མཐོ་སློབ་སློབ་མར་དམིགས་བསལ་བཀའ་སློབ།དེ་བཞིན་ཁུལ་གྱི་ཧི་མ་ལ་ཡའི་ཡུལ་མི་རྣམས་ལ་ཆོས་འབྲེལ་བཀའ་ཆོས་གནང་རྒྱུ་སོགས་ཀྱི་མཛད་འཆར་ཁག་གི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པ་སངས་ཚེ་རིང་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎