གཞུང་འབྲེལ་སྨོན་ལམ་འཚགས་པ།
2012.11.24
Photo: RFA
༄༅།།ཕྱི་ལོ་༢༠༡༢ ཟླ་ ༡༡ ཚེས་ ༢༣ བཞུགས་སྒར་རྡ་རམ་ས་ལར་ཉེ་ཆར་བོད་ནང་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་ཏེ་འདས་གྲོངས་སུ་གྱུར་བ་དབང་ཆེན་ནོར་བུ་ལགས་དང༌། ཚེ་རིང་དོན་གྲུབ་ལགས། དེ་བཞིན་རྟ་མགྲིན་སྐྱབས་ལགས་གཙོས་རྣམས་ཀྱི་ཆེད་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་གཞུང་འབྲེལ་གྱི་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་གནང་ཡོད་པ་དང༌། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་མར་མེའི་ཁྲོམ་སྐོར་ཞིག་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎