བོད་མིར་རྩེ་ཕུད་ཀྱི་བྱ་དགའ།
2013.08.21
༄༅། ། ཐེངས་འདིའི་བེུད་ཀྱི་ལེ་ཚན་ནང་། བལ་ཡུལ་ནང་རྟེན་གཞི་བྱས་པའི་Action Entertainment Talent Agency ཞེས་པའི་མཁེ་གཉེར་ལས་ཁང་གི་གོ་སྒྲིག་འོག ཕྱི་ལོ་༢༠༡༣ལོའི་Miss Little Idol ཞེས་པའི་བྱ་དགའ་དང་པོ་དེ་བོད་པའི་བོུ་ཚེ་རིང་བདེ་སྐྱིད་ལགས་སུ་ཐོབ་འདུག
འདི་ལོ་ལོ་གྲངས་༡༣་ལ་སླེབས་པའི་བོད་པའི་བོུ་ཚེ་རིང་བདེ་སྐྱིད་ལགས་ཀྱིས་བལ་ཡུལ་གྱི་རྒྱལ་ས་ཀ་ཋ་མན་གྲུའི་ནང་གོ་སྒྲིག་གནང་བའི་ཕྱི་ལོ་༢༠༡༣་ལོའི་Miss Little Idol ཞེས་ པའི་འགྲན་རྩོད་ནང་འཛུལ་ཞུགས་གནང་ཡོད་ཅིང་། ད་རེས་སྤྱི་ལོ་༢༠༡༣་ལོའི་འགྲན་རྩོད་དེའི་ནང་བལ་ཡུལ་ནང་ཡོད་པའི་སློབ་གྲྭ་ཆེ་ ཁག་༢༠་ལྷག་ཙམ་ནས་སློབ་མ་༣༣་མཉམ་ཞུགས་གནང་པ་དེའི་ནང་ནས་བོད་མི་ཚེ་རིང་བདེ་ སྐྱིད་ལགས་མ་གཏོགས་མང་ཆེ་བ་བལ་པོ་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་སྣ་ཡིན་པ་རེད། ཕྱི་ཟླ་བརྒྱད་པའི་ཚེས་བཅུ་ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཋ་མན་གྲུའི་ནང་དངོས་སུ་འགྲན་ རྩོད་ཀྱི་ཉིན་མོར་གོང་གསལ་གྱི་སློབ་ཕྲུག་མི་གྲངས་༣༣་ཡོད་པའི་ནང་ནས་བོད་པའི་བུ་མོ་ཚེ་རིང་བདེ་སྐྱིད་ལགས་གཅིག་པོར་འགྲན་རྩོད་ཨང་དང་པོའི་རྒྱལ་ཁ་ཐོབ་གནང་ཡོད་པ་རེད། དེའི་སྐོར་དབྱངས་སྒྲོལ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།