སྡེ་ར་རྡུན་ས་གནས་སུ་བོད་མི་ནས་མཆོད་འབུལ་སྨོན་ལམ།
2012.10.15
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཟླ་འདིའི་ཕྱི་ཚེས་ ༡༣ ཉིན། བོད་མདོ་སྨད་གཙོད་ཁ་སོག་འབྲོང་ལྕེ་སྡེ་བ་ནས་ཡིན་པའི་བོད་མི་རྟ་མགྲིན་རྡོ་རྗེ་ཞུ་བ་ཞིག་གིས། རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ནས་སྐུ་གྲོངས་ཡོད་པར་བརྟེན། རྒྱ་གར་བྱང་ཕྱོགས་སྡེ་ར་རྡུན་ས་གནས་སུ་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བཟོད་པ་རྒྱ་མཚོས་ས་གནས་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎