གསར་འགོད་ལྷན་ཚོགས།

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཚོགས་ཆུང་ནས་རྒྱ་གཞུང་ལ་སྐྱོན་བརྗོད་གནང་བ།

2013.02.03
བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཚོགས་ཆུང་ནས་རྒྱ་གཞུང་ལ་སྐྱོན་བརྗོད་གནང་བ།
བསོད་ནམས་དབང་འདུས།
གསར་འགྱུར་ལ་གསན་རོགས།

༄༅།།ཕྱི་ཟླ་༢ཚེས་༢རེས་གཟའ་སྤེན་པའི་ཉིན་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་གསར་འགོད་ཚོགས་ཆུང་གིས་བཏང་གནས་ཇན་ཏར་མན་ཏར་ ཚོགས་ཁང་ནང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་སི་ཁྲོན་རྔ་པ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་བོད་མི་བརྒྱད་ལ་རང་ལུས་མེར་སྲེག་གཏོང་དགོས་པའི་བརྒྱུད་སྐུལ་བྱས་ཡོད་པའི་ཉེས་མིང་འོག་བློ་བཟང་དཀོན་མཆོག་ལ་ལོ་གཉིས་ཀྱི་རྗེས་སུ་སྲོག་ཐོག་གི་ཁྲིམས་ཆད་དང་། གཞན་བདུན་ལ་ཉེས་པ་ལྕི་པོ་བཏང་བ་དེ་དྲང་བདེན་གྱི་གནས་ཚུལ་རྩ་བ་ནས་མིན་པ་དང་རྒྱལ་སྤྱིའི་ཁྲིམས་ཀྱི་ལམ་ལུགས་དང་རྩ་འགལ་ཆགས་ཀྱི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དཀར་མཛེས་བ་བསོད་ནམས་དབང་འདུས་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎