གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་ཞུགས་འབུལ།
2013.03.27
༄༅༎ཕྱི་ཟླ་༢ཚེས་༡༣ཉིན་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོང་སྐོར་ལམ་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་རྗེས་བལ་ཡུལ་གཞུང་གིས་ཉར་བཟུང་བྱས་ཏེ་བོད་མིར་རྩིས་སྤྲིད་མ་བྱས་ཡོད་པ་དང༌།ཁུངས་ལྡན་གནས་ཚུལ་ལ་གཞིགས་ན་གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་མཚན་མོར་གསང་བའི་འོག་ཞུགས་འབུལ་བཏང་ཡོད་པའི་གནས་ཚུལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཟླ་བ་སྒྲོལ་མ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པར་གསན་རོགས༎