དབུ་མ་རྩ་ཤེས་ཀྱི་ཆོས་འབྲེལ།
2012.10.30
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།
༄༅། །༧གོང་ས་མཆོག་ནས་ད་རེས་ཀྱི་ཆོས་འབྲེལ་དེའི་སྐབས་དད་ལྡན་ཆོས་ཞུ་བ་རྣམས་ལ་སྔོན་འགྲོའི་ཆོས་འབྲེལ་གནང་སྐབས། ང་ཚོ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཞིག་གིས་སངས་རྒྱས་པའི་ཆོས་ནས་ནང་སེམས་འདུལ་ཐབས་བྱེད་རྒྱུ་བཤད་པའི་སྐོར་དེ་དག་ཆོས་མེད་མཁན་གྱི་མི་ཚོར་ཡིན་རུང་། སེམས་འདུལ་ཐབས་སུ་ཐབས་ཤེས་དེ་ལྟར་བྱ་རྒྱུ་ཡོད་ཅེས་གྲོགས་པོ་གྲོགས་མོའི་འདུ་ཤེས་སྒོ་ནས་བརྗོད་དགོས། འོན་ཀྱང་དང་པོ་སངས་རྒྱས་པའི་ཆོས་བྱེད་མཁན་རང་ཉིད་སེམས་འདུལ་བ་ཞིག་དགོས། སངས་རྒྱས་པའི་ཆོས་བྱེད་མཁན་ཡིན་ཞེས་བརྗོད་ནས་ཆགས་སྡང་གི་དབང་དུ་བཏང་ནས་བསྡད་ན། སངས་རྒྱས་པའི་ཆོས་པ་ཞིག་ཆགས་ཀྱི་མེད། ཅེས་སོགས་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད། ཞིབ་ཕྲ་ང་ཚོའི་གསར་འགོད་པ་བསྟན་འཛིན་དབང་འཛིན་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།།