ཨོས྄་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་མཛད་སྒོ།
2009.11.02
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ཟླ་བཅུ་པའི་ཚེས་སུམ་ཅུ་སོ་གཅིག་རེས་གཟའ་སྤེན་པའི་ཉིན།ཨོས྄་ཊོ་ལི་ཡའི་གྲོང་ཁྱེར་སིདྣི་ནང་ཡོད་པའི་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཨོས྄་ཊོ་ལིཡ་ནང་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་གསར་རྙིང་འཕོ་འགྱུར་གྱི་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་གནང་ཡོད་པའི་སྐོར།འདི་གའི་ཨོས྄་ཊོ་ལིཡ་ཡི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པ་ཞིག་ལ་གསན་རོགས༎