རྩོམ་པ་ཞོགས་དུང་ད་དུང་ཡང་གར་ཡོད་ཤེས་རྟོགས་མེད་པ།
2010.05.28
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཉེ་སྔོན་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་དམིགས་བཙུགས་ཏེ་འཛིན་བཟུང་བྱས་པའི་རྩོམ་པ་པོ་ཞོགས་དུང་ད་ལྟའི་ཆར་རྒྱ་ནག་ཁྲིམས་དཔྱོད་ཁང་དུ་རྩིས་སྤྲོད་བྱས་ཡོད་ཀྱང༌།ཁོང་གི་ནང་མི་ཚོར་བརྡ་ལན་གང་ཡང་སྤྲོད་མེད་པ་དང༌།ཁོང་གར་ཡོད་སོགས་ཀྱི་གནས་ཚུལ་གང་ཡང་ཤོགས་རྟོགས་བྱུང་མེད་པ་ཁོང་གིས་བཟའ་ཟླ་ལྷ་འཚོས་བརྗོད་ཡོད་པའི་སྐོར།རྡོ་རྗེ་མཚོས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས༎