ཨ་རི་དང་ཡོ་རོབ་གཉིས་ཀྱིས་དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས་འཆར་གང་མགྱོགས་གཏན་འབེབས་གནང་དགོས་པའི་དཔྱད་རྩོམ།
2019.09.20

༄༅།།ཨ་རིའི་མངའ་སྡེ་ ཁེ་ལི་ཕོར་ནི་ཡཱ(California) ནང་རྟེན་གཞི་བྱེད་པའི་ Stanford གཙུག་ལག་སློབ་གྲྭ་ཆེན་མོའི་འཕྲུལ་ལས་རིག་པ་དང་རྡ་འཕྲིན་འཛིན་སྐྱོང་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ Andre Grotto ལགས་ཀྱིས་དཔྱད་གཏམ་ཞིག་སྤལ་བའི་ནང་། ད་ལྟ་རྒྱ་ནག་གི་རྡ་འཕྲིན་སྲུང་སྐྱོབ་ཆེད་ཁྲིམས་འཆར་གྱི་སྒྲོམ་གཞི་ཐད་ལས་ཀ་བྱེད་མུས་ཡིན་པ་དང་། ཕྱོགས་མཚུངས་ཨ་རི་དང་ཡོ་རོབ་གཉིས་ཀྱིས་དམང་གཙོའི་རིན་ཐང་ཉམས་པ་མེད་པའི་དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས་འཆར་ཞིག་གང་མགྱོགས་གཏན་འབེབ་གནང་དགོས་པའི་དཔྱད་གཏམ་སྤེལ་ཡོད་པའི་སྐོར། བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ཕབ་བསྒྱུར་གྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།