དབྱིན་ཡུལ་གཞུང་དང་གྲོས་ཚོགས་འཐུས་མིའི་ཁྲོད་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་བསྟུད་མར་གནང་བཞིན་པ།
2021.03.23

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཉེ་བའི་ལོ་ཤས་ནང་དབྱིན་ཡུལ་གཞུང་དང་གྲོས་ཚོགས་འཐུས་མིའི་ཁྲོད་བོད་དོན་ལ་དོ་སྣང་དང་གླེང་སློང་རྒྱབ་སྐྱོར་བསྟུད་མར་ཡོད་བཞིན་ཡོད་པ་རེད་ལ། དབྱིན་ཇིའི་ཆབ་སྲིད་ཀྱི་སྡིངས་ཆ་ཁག་དང་ལྷག་པར་ས་གནས་གྲོང་སྡེ་ལྷན་ཚོགས་བཅས་ཀྱི་ཐོག་ནས་ཀྱང་བོད་དོན་ལ་དོ་འཁུར་བྱེད་ཀྱི་ཡོད་པའི་རྣམ་པ་ཇེ་མང་ཐོན་བཞིན་ཡོད། གཤམ་ལ་དབྱིན་ཡུལ་བོད་རིགས་ཚོགས་པའི་དྲུང་ཆེ་འཕྲིན་ལས་དོན་གྲུབ་ལགས་དང་། ཡོ་རོབ་ནང་གི་བོད་དོན་ཐོག་ལ་ཐུགས་རྒྱུས་ཡོད་མཁན་དོན་གཅོད་ཁང་གི་ལས་ཟུར་བསྟན་འཛིན་ཀུན་དགའ་ལགས་དང་ལྷན་འདི་གའི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།