རྒྱ་བོད་དབྱིན་གསུམ་གྱི་སྐུ་ཚབ་དབར་ས་མཚམས་དང་འབྲེལ་བའི་གྲོས་མོལ།
བོད་དང་དབྱིན་གཞུང་དབར་ཤིང་སྟག་སིམ་ལའི་ཆིངས་ཡིག་ལ་ས་རྟགས་བཀོད་ནས་བོད་འདི་རང་དབང་ཅན་ལྡན་པའི་རྒྱལ་ཁབ་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
- 2021-07-10
-
-
-
བོད་དང་དབྱིན་གཞུང་དབར་ཤིང་སྟག་སིམ་ལའི་ཆིངས་ཡིག་ལ་ས་རྟགས་བཀོད་ནས་བོད་འདི་རང་དབང་ཅན་ལྡན་པའི་རྒྱལ་ཁབ་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
ཝི་ཀི་པི་ཌི་ཡ།
Your browser doesn’t support HTML5 audio
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༡༩༡༣ དང་ ༡༩༡༤ ལོར་དབྱིན་ཇི་དང་། བོད། རྒྱ་ནག་བཅས་ཀྱི་སྐུ་ཚབ་དབར་ས་མཚམས་དང་འབྲེལ་བའི་གྲོས་མོལ་གྱི་ཚོགས་འདུ་ཚོགས་ཤིང་། སྐབས་དེར་རྒྱ་ནག་གིས་ཆིངས་དོན་ལ་ཁས་ལེན་ཆ་ཚང་མ་བྱས་པར་ས་རྟགས་བརྒྱབ་མེད་ནའང་། བོད་དང་དབྱིན་གཞུང་དབར་ཤིང་སྟག་སིམ་ལའི་ཆིངས་ཡིག་ལ་ས་རྟགས་བཀོད་ནས་བོད་འདི་རང་དབང་ཅན་ལྡན་པའི་རྒྱལ་ཁབ་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་བདག་དབང་ལ་རྩོད་གླེང་ཇི་ལྟར་བྱེད་ཡོད་མེད་དང་ད་ལྟའི་དུས་འདིར་ཡང་བོད་མིའི་འཐབ་རྩོད་ལ་ཤུགས་རྐྱེན་ཇི་ཡོད་སྐོར་བོད་པའི་རྩོམ་པ་པོ་དང་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་དང་ལྷན་འདི་གའི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།