ཨ་རིའི་ནང་ཏོག་དབྱིབས་ནད་ཡམས་ཚབས་ཚེ་ཤོས་ཁྱབ་ཡུལ་ནིའུ་ཡོག

ཨ་རིའི་ནང་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་ཚབས་ཆེ་ཤོས་ཁྱབ་གདལ་བྱུང་ཡུལ་ནིའུ་ཡོག་གྲོང་ཁྱེར་ནང་གི་སྨན་ཁང་ཁག་གི་ནང་ཞབས་ཞུའི་ཉམས་མྱོང་དང་ད་ལྟའི་གནས་སྟངས།

ཨ་རིའི་ནང་ཏོག་དབྱིབས་ནད་ཡམས་ཚབས་ཚེ་ཤོས་ཁྱབ་ཡུལ་ནིའུ་ཡོག

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཨ་རིའི་ནང་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་ཚབས་ཆེ་ཤོས་ཁྱབ་གདལ་བྱུང་ཡུལ་ནིའུ་ཡོག་གྲོང་ཁྱེར་ནང་གི་སྨན་ཁང་ཁག་གི་ནང་ཞབས་ཞུའི་ཉམས་མྱོང་དང་ད་ལྟའི་གནས་སྟངས།  དེ་བཞིན་སྤྱི་ཚོགས་ཁྲོད་འཚོ་རྟེན་གྱི་ལས་ཀ་དང་།  ཉིན་རེའི་བྱ་གཞག་ལ་དཀའ་ངལ་སེལ་ཐབས་ཀྱི་མཐུན་རྐྱེན་ཞུ་ཕྱོགས་སོགས་ཀྱི་ཐད་ཨ་དྷི་ཀར་ཁེ་མེད་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལས་བྱེད་དབྱངས་ཅན་སྒྲོལ་མ་ལགས་དང་།  ཚེ་རིང་སྒྲོལ་དཀར་བླ་མ་ལགས།  དེ་བཞིན་ནིའུ་ཡོག་གི་སྨན་ཁང་ཞིག་ཏུ་ཕྱག་ལས་གནང་བཞིན་པ་སྨན་ཞབས་པ་ཚེ་རིང་བདེ་ཆེན་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org