རྒྱ་དཀར་ནག་གཉིས་ཀྱིས་ཡུ་ཀརེན་ནང་ར་ཤི་ཡས་འཙན་འཛུལ་ཐོག་ལངས་ཕྱོགས།

རྒྱ་ནག་དང་རྒྱ་གར་གཉིས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་དབྱེས་ན།བར་གནས་སུ་གནས་ཏེ་གང་ལྟར་བྱ་སྟབས་མི་བདེ་བའི་གནས་སུ་གྱར་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད།

ཨེ་པི།

རྩོམ་སྒྲིག་པའི་གླེང་སྟེགས་ཀྱི་ལས་རིམ་ནང་། དུས་རབས་ ༢༠ པའི་དཀྱིལ་དུ་དམག་ཆེན་གཉིས་པའི་རྗེས་སུ་ཕལ་ཆེར་དམག་འཐབ་ཆེ་ཤོས་གཅིག་ཏུ་ངོས་འཛིན་བྱེད་བཞིན་པ་ད་ལྟ་ཪ་ཤི་ཡས་ཡུཀརེན་ནང་དྲག་པོའི་དམག་གིས་བཙན་འཛུལ་བྱེད་མུས་ཡིན་པའི་ཐད་ར་ཤི་ཡ་དང་ནུབ་ཕྱོགས་ཡུལ་གྲུ་མང་པོའི་དབར་ལ་རྙོག་གླེང་དང་ར་ཤི་ཡར་ཉེས་ཆད་ལྕི་བོ་བཀེལ་དང་འགེལ་མུས་ཡིན་པའི་སྐབས་འདིར། འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་ཁོངས་ནས་མགྱོགས་ཚད་མྱུར་ཤོས་ཀྱི་ཐོག་ནས་དབང་ཤུགས་ཇེ་ཆེར་འགྲོ་བཞིན་པ་རྒྱ་ནག་དང་རྒྱ་གར་གཉིས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་དབྱེས་ན།བར་གནས་སུ་གནས་ཏེ་གང་ལྟར་བྱ་སྟབས་མི་བདེ་བའི་གནས་སུ་གྱར་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད།  འདི་དང་འབྲེལ་བའི་གནད་དོན་ཐོག་ལ་བསྟན་འཛིན་བདེ་སྐྱིད་ལགས་དང་བཀྲིས་དབང་ཕྱུག་ལགས་གཉིས་ཀྱིས་དཔྱད་གཞིའི་སླད་གྲོས་བསྡུར་ཞུས་པ་ཞིག་གསན་རོགས་ཞུ།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org