ཨོ་གླིང་གི་སློབ་གཉེར་བ་ཞིག་གིས་བོད་དང་ཧོང་ཀོང་ལ་རྒྱབ་སྐྱོར་བྱེད་མུས།
2020.04.21

༄༅།།ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་དུ་ཨོ་གླིང་གི་མངའ་སྡེ་ Queensland ཡི་གཙུག་ལག་སློབ་ཁང་གི་སློབ་མ་ Drew Pavlou ལགས་ཀྱིས་རྒྱ་ནག་གི་དབང་ཤུགས་དང་དྲག་གནོན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན་ཁོང་གཙུག་ལག་སློབ་ཁང་ནས་ཕྱིར་འབུད་གཏོང་རྒྱུའི་གསལ་བསྒྲགས་གནང་ཡོད་ཀྱང་། ཁོང་གིས་རྒྱ་ནག་གཞུང་གི་འཇིགས་སྐུལ་ལ་ནམ་ཡང་མགོ་བོ་སྒུར་ཐབས་མེད་པ་མ་ཟད། ཧོང་ཀོང་དང་བོད། ཤིན་ཅང་མི་རིགས་བཅས་ལ་རྒྱབ་སྐྱོར་གྱི་ལས་འགུལ་རྒྱུན་སྐྱོང་གནང་རྒྱུ་ཡིན་ལུགས་གསུངས་པའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པར་གསན་རོགས།།
གསར་འགོད་པ་བསྟན་འཛིན་བདེ་སྐྱིད།