རྒྱ་ནག་གིས་བོད་དང་ཤར་ཏུར་ཀིསི་ཐན་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གཏོང་བཞིན་པ།
2020.09.30

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༥ འཚོགས་བཞིན་པ་དང་བསྟུན། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༩ ཉིན་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན་དེ་བཞིན་ནང་སོག་སོགས་སུ་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་རིག་གཞུང་རྩ་གཏོར་གཏོང་བཞིན་པ་སོགས་ཀྱི་ཐད། དྲ་རྒྱ་བརྒྱུད་ཟུར་ཚོགས་ཀྱི་བགྲོ་གླེང་ཞིག་གནང་ཡོད་པའི་སྐོར། ཚེ་དབང་ནོར་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།