ལྷ་ས་སོགས་སུ་བཀག་སྡོམ་གྱི་འོག་མི་དམངས་ལ་ཟ་མ་དང་སྨན་གྱི་མི་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་པ།

2022.10.06
ལྷ་ས་སོགས་སུ་བཀག་སྡོམ་གྱི་འོག་མི་དམངས་ལ་ཟ་མ་དང་སྨན་གྱི་མི་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་པ། བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་ཡོངས་སུ་བཀག་སྡོམ་བྱས་ནས་ཟླ་བ་གཉིས་ཙམ་འགྲོ་བཞིན་པ།
འོད་ཟེར་ལགས།

ཐེངས་འདིའི་ཕ་ཡུལ་ལེ་ཚན་གྱི་ནང་དུ། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་པ་གཅིག་རྐྱང་ཡོད་མི་ཆོག་པའི་སྲིད་ཇུས་འོག་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་ཡོངས་སུ་བཀག་སྡོམ་བྱས་ནས་ཟླ་བ་གཉིས་ཙམ་འགྲོ་བཞིན་པའི་རིང་དུ་མི་དམངས་ལ་ཟ་མ་དང་སྨན་གྱི་མི་འདང་བ་སོགས་ཀྱི་དཀའ་ངལ་ཤུགས་ཆེ་འཕྲད་ཡོད་པས་མ་ཟད། ཉིན་འདི་གར་མི་རྣམས་ལ་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་ཡོད་པ་ནི་མི་རྣམས་ཁྱིམ་དུ་བཀག་ཡོད་པའི་དུས་སྐབས་དང་བསྟུན་ནས་རྒྱ་ནག་གི་བརྡ་འཕྲིན་ཚོང་གཉེར་ལས་ཁུངས་ཁག་གིས་ཁ་པར་གྱི་ཟླ་རེའི་སྐད་རིན་ཚད་ལས་བརྒལ་བ་སྤར་ཡོད་པའི་ཐད་མི་དམངས་ཀྱིས་སྤྱི་ཚོགས་དྲ་ལམ་དུ་སྐྱོན་བརྗོད་བྱེད་བཞིན་པ་སོགས་ཀྱི་སྐོར་ལ་བསོད་ནམས་ལྷ་མོས་གནས་ཚུལ་ཕྱོགས་བསྡུས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎