སྒོ་ཤེས་རབ་རྒྱ་མཚོ་ལགས་བཙན་ཁྲིད་བྱས་ཡོད་པ།
༄༅།།བོད་རང་སྐྱོང་ལྗོངས་ཟེར་བའི་འབྲེལ་ཡོད་རྒྱ་ནག་གི་སྤྱི་བདེ་ཚན་པས་བོད་ནང་གི་རྩོམ་པ་པོ་དང་ཤེས་ཡོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་ལོ་སྔོན་མ་༢༠༢༠ལོའི་སྤྱི་ཟླ་༡༠ཚེས་༢༦ཉིན་རྒྱ་ནག་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་ཕྱིར་ལོགས་སུ་ཁོང་འཛིན་བཟུང་བཙན་ཁྲིད་དང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཟླ་བ་༥ཙམ་རྗེས་གཞི་ནས་ཤེས་རྟོགས་བྱུང་ཡོད་ཅིང་།ཁོང་འཛིན་བཟུང་གི་རྒྱུ་མཚན་དང་རྒྱབ་ལྗོངས་སོགས་བོད་ནང་གི་འབྲེལ་ཡོད་མི་སྣ་ཚོས་བཤད་ཕོད་ཀྱི་མེད་པ་དང་ད་སྐབས་ཁོང་གི་ནང་མི་དང་གྲོགས་པོ་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར་བ་མ་ཟད་བཙན་བྱོལ་ནང་གི་བོད་མི་ཤེས་ཡོན་པ་དང་འཐབ་རྩོད་པ་སོགས་ཀྱིས་གདུང་སེམས་མཉམ་སྐྱེད་དང་སེམས་ཁུར་ཡང་བྱེད་བཞིན་ཡོད།
དེ་རིང་ཁ་བའི་གྲོས་རྭའི་ལེ་ཚན་ནང་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་བོད་པའི་སྤྱི་ཚོགས་ནང་ཤེས་བྱ་སློབ་གསོའི་ཐོག་ལེགས་སྐྱེས་དང་ལྷག་པར་དུ་ཤེས་ཡོན་གྱི་སྡེའི་ནང་ཁོང་གི་ཤུགས་རྐྱེན་།དེ་སྔོན་ཁོང་དང་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དབར་དཀའ་ངལ་བྱུང་སྟངས་ཀྱི་སྐོར་སོགས་སྒོ་ཤེས་རབ་རྒྱ་མཚོ་འགྲོག་འགྲིས་ཡོད་མཁན་བོད་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཨ་མཆོག་སྡེ་བ་ནས་ཡིན་པ་དང་ད་ལྟ་ཧྥ་རན་སིར་གནས་སྡོད་བྱེད་བཞིན་ཡོད་པ་རྩོམ་པ་པོ་སྐྱེས་སར་ཀླུ་སྒྲུབ་ལགས་དང་།ད་ལྟ་ཨ་རིའི་སེ་ཡ་ཊལ་གྲོང་ཁྱེར་ནང་གནས་སྡོད་བྱེད་བཞིན་པ་སྨྱུག་མིང་ལ་ཀླུ་སྨྱོན་ཧེ་རུ་ཀ་ཟེར་ཞིང་སྤྲུལ་སྐུ་ཡེ་ཤེས་ལགས་ཁོང་གཉིས་དང་རྩོམ་སྒྲིག་པ་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱས་པར་ཉན་རོགས་ཞུ།།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།