༡༩༨༧ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་ལོ་ངོ་༣༠འཁོར་ཡོད་པ།
2017.09.30

༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་། སྤྱི་ལོ་༡༩༨༧ལོའི་ཟླ་༡༠ཚེས་༡སྟེ་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་ཉིན་མོ་དེར་བོད་པའི་གཞོན་སྐྱེས་ཁག་ཅིག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་ལོ་ངོ་སུམ་བཅུ་ཏག་ཏག་འཁོར་ཡོད་པ་དང༌། ལས་འགུལ་དེ་ནི་༡༩༥༩ལོའི་རྗེས་བོད་ཀྱི་རྒྱལ་ས་ལྷ་སར་བོད་པའི་མི་རབས་གསར་པའི་ཁྲོད་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་དམིགས་བསལ་ལས་འགུལ་ཞིག་ཆགས་ཡོད་པས། ལས་འགུལ་འདིའི་ནང་མཉམ་ཞུགས་གནང་མྱོང་བའི་མི་སྣ་ཁག་ཅིག་དང་ལྷན་ཕྱིར་དྲན་ཞུས་པ་ཞིག་སྒྲོལ་དཀར་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་སྒྲོལ་དཀར།