མཛོད་དགེ་རྫོང་ཐོག་གི་ངོ་རྒོལ་དང་འབྲེལ་ནས་བོད་མི་ཞིག་འཛིན་བཟུང༌།
2016.04.30

༄༅། །ཕྱི་ལོ་༢༠༡༥་ ཟླ་ ༡༢ པའི་ཚེས་ ༡༧ཉིན། མདོ་སྨད་མཛོད་དགེ་རྫོང་ཐང་སྐོར་དཔོན་སྐྱབས་སྡེ་བ་ནས་ཡིན་པའི་བོད་མི་གཞོན་སྐྱེས་བཀྲིས་དོན་གྲུབ་ལགས་ཀྱིས་ལག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བཟུང་ནས་མཛོད་དགེ་རྫོང་གི་ཁྲོམ་གཞུང་དུ་ཞི་བའི་གོམ་བགྲོད་གནང་བའི་བརྙན་པར་ཞིག་སྤྱི་ཚོགས་དྲ་ལམ་གང་སར་ཁྱབ་བཞིན་ཡོད་པར་བརྟེན། རྒྱ་ནག་ཉེན་རྟོག་པས་བཀྲིས་དོན་གྲུབ་ལགས་ཀྱིས་ཞི་རྒོལ་བྱས་པའི་བརྙན་པར་ལེན་མཁན་འཚོལ་ཞིབ་བྱས་ནས་མཛོད་དགེ་ཐང་སྐོར་ནས་ཡིན་པའི་བཀྲིས་སྐྱབས་ཟེར་བའི་གཞོན་སྐྱེས་ཤིག་བརྙན་པར་ལེན་མཁན་ཡིན་པར་དོགས་གཞི་བྱས་ནས་འཛིན་བཟུང་བྱས་ཡོད་པའི་སྐོར། ཞིབ་ཕྲ་འདིའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་བློ་བྷེ།