རྒྱ་གཞུང་ནས་སྤེལ་བའི་དྲག་རྡུང་ལས་འགུལ།
2018.03.08

༄༅། །གངས་ལྗོངས་གླེང་སྟེགས་ཀྱི་ལེ་ཚན་ནང་། སྤྱིར་ན་རྒྱ་ནག་གཞུང་གིས་ལོ་འགའ་རེའི་མཚམས་སུ་དྲག་རྡུང་ལས་འགུལ་ཐེངས་རེར་སྤེལ་སྲོལ་ཡོད་པ་དེའི་དགོས་དམིགས་དང་། བྱེ་བྲག་དེ་སྔ་ཐེངས་བཞི་ལ་སྤེལ་བའི་རྡུང་རྡེག་ཚ་ནན་གྱི་འཐབ་རྩོད་ལས་འགུལ་དེ་བོད་ཁུལ་དུ་སླེབས་དུས་ཆབ་སྲིད་དྲག་རྡུང་གི་ལས་འགུལ་དུ་གྱུར་བའི་ཚུལ། ལྷག་དོན་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་སྤེལ་བའི་ཉེས་ཅན་ཐེར་འདོན་བྱ་རྒྱུའི་བརྡ་ཐོ་ཟེར་བའི་ནང་། དམིགས་འབེན་གཙོ་བོ་དེ་ཏཱ་ལའི་རུ་ཚོགས་ཟེར་བ་དང་ཕྱིའི་དགྲ་འཛིན་སྟོབས་ཤུགས་བཟུང་པ་མ་ཟད། དབུ་མའི་ལམ་ནི་ལོག་སྤྱོད་ཀྱི་བསམ་བློ་དང་ཕ་སྐད་སྲུང་སྐྱོབ་ནི་གུ་དོག་གི་མི་རིགས་རིང་ལུགས་ཀྱི་བསམ་བློ་ཡིན་ལུགས་བཤད་ནས་རྒྱ་ནག་དབུས་གཞུང་གི་དྲག་རྡུང་ལས་འགུལ་དང་མ་འདྲ་བའི་དྲག་རྡུང་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལ་སོགས་ཀྱི་ཐད་ཆེད་མཁས་པ་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ཡིན།
སྐུ་མགྲོན།
དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་རྒྱ་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་པ་སངས་རྒྱས་སྐྱབས་ལགས་དང་། སྐུ་ཞབས་སངས་རྒྱས་སྐྱབས་ལགས་ཀྱིས་རྒྱ་ནག་གཞུང་གི་རྡུང་རྡེག་ཚ་ནན་གྱི་འཐབ་རྩོད་ཅེས་པའི་ལས་འགུལ་སྐོར་སྔ་གཞུང་རྒྱ་ཡིག་གི་རྩོམ་ཡིག་གཉིས་བྲིས་ནས་སྤེལ་འདུག
སྐུ་མགྲོན་གཞན་ཞིག་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་བསམ་བློ་དཔྱད་གཞི་ཞེས་པའི་ལེ་ཚན་གཙོ་སྐྱོང་པ་ཀ་བཙུན་བླ་མ་སྐྱབས་ལགས་ཡིན།