བོད་ཀྱི་དགུ་བཅུ་གསུམ་ཞེས་པའི་ཆབ་སྲིད་བཙོན་ཟུར་གྱི་ཚོགས་པ་བཙུགས་ནས་ལོ་ ༣༠ འཁོར་བ།

2020.12.29
བོད་ཀྱི་དགུ་བཅུ་གསུམ་ཞེས་པའི་ཆབ་སྲིད་བཙོན་ཟུར་གྱི་ཚོགས་པ་བཙུགས་ནས་ལོ་ ༣༠ འཁོར་བ། ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་དམར་ཤོག་གིས་དབང་སྒྱུར་དང་སྡུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
ཨེ་ཨེཕ་པི།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།   བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུ་ཚེ་ཧྲིལ་པོ་བོད་རྩ་དོན་དང་བོད་མིའི་བདེ་སྡུག་ཆེད་གཟིགས་སྐྱོང་དང་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ལ་བོད་མི་ཚོས་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་པ་དང་བསྟུན།   ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་དམར་ཤོག་གིས་དབང་སྒྱུར་དང་སྡུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་དེ་བོད་མི་དགེ་བཙུན་མང་པོ་བཙོན་དུ་ཚུད་ཅིང་།  བཙོན་ཟུར་ཁག་ཅིག་བཙན་བྱོལ་དུ་བྲོས་བྱོལ་ཕེབས་རྗེས།   སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་དང་གཟིགས་སྐྱོང་འོག་བོད་ཀྱི་དགུ་བཅུ་གསུམ་ཞེས་པའི་ཆབ་སྲིད་བཙོན་ཟུར་གྱི་ཚོགས་པ་ཞིག་བཙུགས་ནས་ལོ་ ༣༠ འཁོར་ཡོད་པ་རེད།  དུས་སྐབས་འདིར་ཐོག་མར་ཚོགས་པ་དབུ་ཚུགས་སྟངས་ཐད་འགོ་འཛུགས་གནང་མཁན་ཚོགས་མིའི་ཁོངས་སུ་ཡོད་པ་དེང་སྐབས་ཨོས་ཀྲེ་ལི་ཡར་གནས་བཞུགས་སྐུ་ཤོག་ཡེ་ཤེས་རྟོགས་ལྡན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་དུམ་བུ་དང་པོ་དེ་གསན་རོགས་ཞུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎