བོད་མི་ཞུ་འབོད་ངོ་རྒོལ་བ་ཚོ་འཛིན་བཟུང་དོ་དམ་བྱས་ཏེ་རྒྱ་ནག་གཞུང་གིས་འགོག་གནོན་བྱེད་ཡོད་པའི་དཔྱད་གཞི།
2024.03.04

ཨ་རིའི་རང་དབང་ཁང་པའི་སྙན་ཐོའི་ནང་བོད་ཀྱི་ད་ལྟའི་གནས་སྟངས་ནི་ཆེས་སྡུག་ཤོས་སུ་གྱུར་ནས་བརྒྱ་ཆ་ ༡༠༠ ནས་ཐོབ་བྱ་ཀླད་ཀོར་ལས་མེད་པ་བཀོད་འདུག་ཅིང་། བོད་ཁམས་སྡེ་དགེ་ཁུལ་དུ་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞིའི་འོག་ས་གནས་དེ་ནས་དགོན་པ་དང་གྲོང་སྡེ་ཁག་གི་མི་མང་ཚོ་གནས་སྤོ་བྱེད་དགོས་པའི་བཙན་བཀའ་བཏང་ནས་བོད་མི་ཞུ་འབོད་ངོ་རྒོལ་བ་ཚོ་འཛིན་བཟུང་དོ་དམ་བྱས་ཏེ་རྒྱ་ནག་གཞུང་གིས་འགོག་གནོན་བྱེད་ཡོད་པ་རེད། ཐེངས་འདིའི་བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་དཔྱད་གཞིའི་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།