བོད་མི་གཞོན་སྐྱེས་རྒྱ་ནག་ཏུ་ཁྲིད་དགོས་དོན།
2023.04.04
བོད་མདོ་སྨད་མགོ་ལོག་ཁུལ་ནས་ས་གནས་རྒྱ་ནག་གཞུང་གིས་བོད་མི་གཞོན་སྐྱེས་བརྒྱ་ལྷག་རྒྱ་ནག་གི་ཧྲང་ཧཡེ་སོགས་གྲོང་ཁྱེར་ཆེ་ཁག་ནང་ལས་རྩོལ་ཆེད་ཁྲིད་པའི་གནས་ཚུལ་བྱུང་ཡོད་པ་རེད། འདི་ནི་གནད་དོན་དབྱེ་ཞིབ་པས་བརྗོད་ན། བོད་མི་གཞོན་སྐྱེས་མི་རབས་རྣམས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་འཇུག་ཐབས་ཀྱི་བྱ་འགུལ་ཡིན་པར་འགྲེལ་བརྗོད་གནང་གི་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨ་རིའི་སྦོསིཊོན་ནང་གནས་བཞུགས་བོད་གནས་ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ནང་དུ་རྒྱ་ནག་གཞུང་གི་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཁག་ཅིག་གི་ཐད་དཔྱད་གཞིའི་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།