བོད་ནང་གི་རྒན་དར་གཞོན་གསུམ་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་བཙན་བྱོལ་ལ་བཅངས་པའི་རེ་བ།
2023.07.07
ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་ལེ་ཚན་ནང་དུ། ཉེ་སྔོན་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་བཙན་བྱོལ་འཚོ་བ་དང་གཉེན་འཕྲད་ཀྱི་དཀའ་སྡུག་གི་བརྒྱུད་རིམ་ཞིབ་འབྲི་བྱས་པའི་མ་ཤི་གསོན་བྲལ་ཞེས་པའི་དེབ་ཀྱི་རྩོམ་པ་པོ་རྡོ་བིས་ཀླུ་རྒྱལ་དོན་གྲུབ་ལགས་ལ། ཀེ་ཐོ་ཡིས་བོད་ནང་གི་རྒན་དར་གཞོན་གསུམ་གྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་བཙན་བྱོལ་ལ་བཅངས་པའི་རེ་བ། ཕྱིར་བོད་ལ་སོང་ནས་གཉེན་འཕྲད་བྱེད་མཁན་དག་བཙན་ཤེད་ཀྱིས་རྒྱ་ནག་གི་སོ་ཉུལ་བར་སྒྱུར་རྩིས་བྱེད་ཀྱིན་པའི་གནད་དོན་དང་། གཉེན་འཕྲད་པ་མང་བོ་ཞིག་ཕྱིར་འབྱོར་རྗེས་བོད་ཀྱི་འཐབ་རྩོད་དང་ཁ་གྱེས་སྟངས་སོགས་ཀྱི་སྐོར་ནས་བཅར་འདྲི་ཞུས་པ་ཞིག་ལ་གསན་རོགས་གནོངས།
གསར་འགོད་པ། ཀེ་ཐོ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག