འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱལ་སྤྱིའི་སྙན་ཐོ་ ༢༠༢༥ བཏོན་པ།

2025.01.20
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱལ་སྤྱིའི་སྙན་ཐོ་ ༢༠༢༥ བཏོན་པ།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ།

ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ ༢༠༢༥ ཟླ་ ༡ ཚེས་ ༡༦ ཉིན་རྒྱལ་སྤྱིའི་སྙན་ཐོ་ ༢༠༢༥ བཏོན་པའི་ནང་། རྒྱལ་ཁབ་བརྒྱ་ལྷག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་བྱས་པ་དང་། དེའི་ཁྲོད་དུ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་སྤྱི་ཚོགས་དྲྭ་ལམ་ལ་དམ་དྲག་དང་། བོད་ནང་གི་གནས་སྟངས་ཕྱི་ཕྱོགས་སུ་འགྲེལ་བརྗོད་བྱེད་མཁན་ཚོ་འཛིན་བཟུང་བྱས་པ། བོད་མི་ཚོས་ཕྱི་ཕྱོགས་ཀྱི་དངོས་ཡོད་གནས་སྟངས་ཤེས་རྒྱུར་དཀའ་ལས་ཁག་པོ་བཟོ་བཞིན་ཡོད་པ། ལྷག་པར་བོད་ནང་གི་བོད་མི་ཚོ་ས་གནས་གཞན་དུ་གནས་སྤོ་དང་། བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་སོགས་བཀོད་འདུག་ལ། སྙན་ཐོ་དེའི་ནང་། ༢༠༡༩ ལོར་ཉམས་ཞིབ་ཚོགས་པ་དེས་བསྐྱར་ཞིབ་བྱས་པ་ནས་བཟུང་། སྔོན་མ་ངོས་ལེན་བྱས་པའི་རྒྱབ་གཉེར་དོན་ཚན་ཁག་ལག་བསྟར་བྱེད་རྒྱུར་སྲིད་གཞུང་ཁག་གིས་མདུན་སྐྱོད་རང་བཞིན་གྱི་རྣམས་པ་མངོན་མེད་པ་ཐེར་འདོན་བྱས་འདུག  བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་།  སྙན་ཐོའི་ནང་གསལ་ལྟར་བོད་ནང་གི་གནས་སྟངས་གླེང་པ་ཁག་གི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་དང་།  རྩོམ་སྒྲིག་འགན་འཛིན་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་དཔྱད་གཞིའི་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎