བོད་ནང་གི་བོད་མིས་གསུམ་བཅུའི་དུས་དྲན་ལ་ལྟ་ཕྱོགས།
2021.03.09

པར་ཚགས།
༄༅།།བོད་མིའི་གསུམ་བཅུའི་སྒེར་ལངས་དུས་དྲན་ཉིན་མོ་འདི་ནི་བོད་ནང་དུ་བོད་མི་ཚོས་རང་གི་ཕ་མེས་ཀྱི་ལོ་རྒྱུས་དང་ངོ་བོ་དྲན་གསོ་བྱེད་པའི་ཉིན་མོ་ཡིན་ཞིང་། རྒྱ་ནག་གཞུང་གིས་དུས་དྲན་འདི་སྐབས་བོད་ནང་དམ་དྲག་དང་དྭོགས་ཟོན་གྱི་འོག་ནས་མང་ཚོགས་ལ་གོ་རྟོགས་དང་པོ་སྤེལ་གྱི་ཡོད་པ་རེད་ཅེས་བོད་གནས་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག གཤམ་ལ་ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་འཇམ་དཔལ་སྨོན་ལམ་ལགས་སུ་བོད་མི་སྒེར་ལངས་ཉིན་མོ་འདི་བོད་ནང་ཇི་ལྟར་རྗེས་དྲན་བྱེད་ཀྱི་ཡོད་མེད་ལོ་ངོ་བཅུ་ཕྲག་འགའི་ལོ་རྒྱུས་ལ་བསྐྱར་ལྟའི་ཚུལ་གྱི་གླེང་མོལ་ཞུས་པ་ཞིག་གསན་རོགས་ཞུ།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག