༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཐད་རྒྱ་ནག་ལ་ཐོབ་དབང་རྩ་བ་ནས་མེད།
2021.01.28
བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་རིགས་ཁོངས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ཟེར་བའི་ཐོག་༧གོང་ས་མཆོག་དང་གང་ཉིད་ཀྱི་སྐུའི་ཡང་སྲིད་དང་འབྲེལ་ནས་ཁ་བྲལ་ལ་ངོ་རྒོལ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ལུགས་བརྗོད་འདུག་པ་དང་། དེའི་ཐད་བོད་མི་དམངས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ང་ཚོའི་ངོས་ནས་༧སྐུའི་ཡང་སྲིད་ཐད་རྒྱ་ནག་ལ་ཐོབ་དབང་རྩ་བ་ནས་མེད་པའི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་དེ་ལས་ལྷག་པའི་གསལ་བཤད་དགོས་དོན་མེད་ཅེས་གསུངས་ཡོད་པ་བཅས་ཀྱི་སྐོར། བསོད་ནམས་ལྷ་མོས་བཅར་འདྲི་ཕྱོགས་སྒྲིག་ཞུས་པར་གསན་རོགས་ཞུ།།