བོད་ཀྱི་ཁྲིམས་ལུགས་དང་རིག་གནས།
2019.04.26
༄༅། །སྐབས་སུ་བབ་པའི་གངས་ལྗོངས་གླེང་སྟེགས་ཀྱི་གླེང་བྱ་ནི། བོད་ཀྱི་ཁྲིམས་ལུགས་དང་རིག་གནས་ཀྱི་སྐོར་ཡིན་ལ། བོད་ཀྱི་གནའ་ཁྲིམས་དང་ཞལ་ལྕེ་མཚམས་སྦྱོར་དང་ཆབས་ཅིག བོད་ཀྱི་དམངས་ཁྲིམས་དང་ཉེས་ཁྲིམས་ལ་མངའ་བའི་ཁྱད་ཆོས་དང་དགེ་མཚན། དེ་བཞིན་བོད་རྒྱ་ཆེའི་མི་དམངས་ཀྱི་ཁྲིམས་ལུགས་ཐད་འཛིན་པའི་འདུ་ཤེས། གཞན་བོད་ཀྱི་གནའ་ཁྲིམས་དང་རྒྱ་ནག་གི་ཁྲིམས་ལུགས། ནུབ་ཕྱོགས་པའི་ཁྲིམས་ལུགས་གསུམ་བསྡུར་ནས་བོད་ཀྱི་གནའ་ཁྲིམས་ཀྱི་ཕུལ་བྱུང་གི་ཆ་དང་ཞན་ཆ་སོགས་ཀྱི་སྐོར། སྐུ་ཞབས་སྒྲོལ་མ་སྐྱབས་ལགས་དང་ལྷན་དུ་སྟག་ལྷ་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ༎