གོ་ལ་སྤྱི་དང་བོད་ཀྱི་གནམ་གཤིས་འགྱུར་ལྡོག


2015.12.16
གོ་ལ་སྤྱི་དང་བོད་ཀྱི་གནམ་གཤིས་འགྱུར་ལྡོག གོ་ལ་སྤྱི་དང་བོད་ཀྱི་གནམ་གཤིས་འགྱུར་ལྡོག
Tanc.org

༄༅།    །སྤྱིར་ན་གནམ་གཤིས་འགྱུར་ལྡོག་གི་བྱུང་རྐྱེན་དང་། དེ་ཡི་ཤུགས་རྐྱེན། གལ་སྲིད་གནམ་འགྱུར་ལ་ཚད་མ་བཀག་ན་མ་འོངས་པར་ཅི་བྱུང་སྲིད་པའི་སྐོར། དེ་མིན་གནམ་གཤིས་འགྱུར་ལྡོག་སྔོན་འགོག་བྱེད་རྒྱུར་ཐབས་ཤེས་ཡོད་མེད་བཅས་དང་།ཡང་སྒོས་སུ་གོ་ལའི་སྣེ་གསུམ་པར་གྲགས་པའི་བོད་གངས་ཅན་ཡུལ་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་གང་དང་གང་ཐེབས་ཀྱིན་ཡོད་པ་དང་། དེ་ཡིས་དབང་གིས་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་ལ་གནོད་འཚེ་ཡོད་མེད།  དེ་བཞིན་གནམ་གཤིས་འགྱུར་ལྡོག་དང་བོད་ཀྱི་གནས་བབ་ལ་འབྲེལ་བ་ཅི་ཞིག་ཡོད་པ་ལ་སོགས་པའི་ཐད་རྒྱུན་ཤེས་རང་བཞིན་གྱི་བགྲོ་གླེང་བྱེད་རྒྱུ་ཡིན།
དེ་རིང་གི་གདན་ཞུ་སྐུ་མགྲོན་རྣམ་པ་གཉིས་ནི།
༡།    བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་ལས་ཁུངས་ཀྱི་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་བ། ད་ལྟ་ཡོ་རོབ་སི་པན་དུ་བཞུགས་པའི་སངས་རྒྱས་སྐྱབས་ལགས་དང་།
༢།    བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་སྐུ་ཞབས་ཚེ་རིང་རྒྱལ་ལགས་བཅས་ཡིན།


གསར་འགོད་པ་སྟག་ལྷ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎