རྒྱ་གཞུང་གིས་བོད་ཀྱི་ས་གནས་ཁག་གི་ནང་རྡོ་ཀརྨ་རུ་པ་ལ་སོགས་པའི་གཏེར་ཁ་སྔོག་བཞིན་པ།
2017.10.07
༄༅། །རྒྱ་ནག་གཞུང་གིས་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་ཁག་གཅིག་ནང་ཁོར་ཡུག་སྲུང་སྐྱོབ་ཆེད་གཏེར་ཁ་བསྔོགས་འདོན་མཚམས་འཇོག་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་ན་ཡང་། ས་གནས་ཁག་གཅིག་ནང་རྡོ་ཀརྨ་རུ་པ་ལ་སོགས་པའི་གཏེར་ཁ་མུ་མཐུད་བསྔོགས་འདོན་བྱེད་བཞིན་ཡོད་པར་མ་ཟད། ད་དུང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། རྒྱ་ནག་གིས་མཚོ་སྔོན་ཞིང་ཆེན་དུ་དབྱེ་བའི་ཡུ་ཤུལ་ཁུལ་རྫ་སྟོད་གྲོང་བརྡལ་ཇོང་ཆེན་སྡེ་པའི་ས་ཁུལ་ནང་གསང་བའི་ཐོག་ནས་གཏེར་ཁ་བསྔོགས་འདོན་བྱེད་བཞིན་ཡོད་འདུག ཞིབ་ཕྲ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་ཀུན་བཟང་བསྟན་འཛིན།