རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་རྩ་མེད་བཏང་དང་གཏོང་བཞིན་པ།
2022.04.07
བོད་དང་རྒྱལ་སྤྱིའི་གནས་བབ་ཞེས་པའི་ལེ་ཚན་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་རྩ་མེད་བཏང་དང་གཏོང་བཞིན་པ་དང་སྲིད་འཛིན་ཞི་ཅིན་ཕིན་གྱི་བཀོད་སྒྲིག་འོག་རྒྱ་ནག་ཅན་དུ་འགྱུར་རྒྱུའི་སྲིད་བྱུས་ཤུགས་གནོན་རྒྱག་བཞིན་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོའི་ངོས་འཛིན་བྱེད་ཀྱི་ཡོད་ཅིང་།རྒྱ་གཞུང་ནས་བོད་ནང་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་རྒྱ་སྐྱེད་ཇི་ལྟར་གཏོང་བཞིན་པའི་སྐོར་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་དང་ཉམས་ཞིབ་པ་དབང་ལྡན་སྐྱབས་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་གཉིས་ཀྱིས་གླེང་མོལ་གནང་བ་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།