རྒྱ་ནག་གཞུང་གིས་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཕྱོགས་དང་འབྲེལ་བའི་འགྲེམ་སྟོན།
2020.09.05
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཉེ་ལམ་རྒྱ་ནག་རྒྱལ་ས་པེ་ཅིང་དུ་རྒྱ་ནག་དབུས་གཞུང་གིས་བོད་ལྗོངས་ཀྱི་ལས་དོན་བྱེད་ཕྱོགས་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་སྐོང་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དར་སྤེལ་དང་། མཐའ་མཚམས་སྲུང་སྐྱོབ་ཆེད་བོད་ནང་བརྟན་ལྷིང་དགོས་པ། བོད་ཀྱི་ཆོས་ལུགས་རྒྱ་ནག་གི་རང་བཞིན་དུ་དོ་དམ་རྒྱུན་འཁྱོངས་དགོས་པ་ནན་སྐུལ་ཐོག ཟླ་ ༩ ཚེས་ ༡ ཉིན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ཆེད་དོན་འགྲེམ་སྟོན་དང་སྤྲུལ་སྐུའི་གསོ་སྦྱོང་འཛིན་གྲྭ་ཟི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླེང་དུ་ཚོགས་པ་བཅས་ཀྱི་ཐད་དཔྱད་ཞིབ་སླད་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།